Movatterモバイル変換


[0]ホーム

URL:


Jump to content
Wikipedia
འཚོལ་ཞིབ།

ཨྀཊ་ལི་

Wikipedia ལས།

ངོ་སྤྲོད་དང་ཆགས་རབས།

རྒྱལ་ཁབ་ཨི་ཊ་ལི་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ཨིན། བྱང་ཁ་ཐུག་ལུ་ རི་དང་ སི་སི་ལི་(Sicily)དང་ སར་ཌི་ནི་ཡ་(Sardinia) བཟུམ་གྱི་ མཚོ་གླིང་ལེ་ཤ་ཅིག་ཡོདཔ་ཨིན། ཨི་ཊ་ལི་གིས་རྒྱལ་ཁབ་གཞན་ ཕྲནས་དང་ སུའི་ཟར་ལེན་ དེ་ལས་ ཨཱསི་ཊི་ཡ་བཟུམ་གྱི་ རྒྱལ་ཁབ་གཞན་ཚུ་དང་ ས་མཚམས་བགོ་བཤའ་རྐྱབ་སྟེ་ ཡོདཔ་ཨིན་པས།

ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་བཅུ་པ་ཨིནམ་ད་ ས་ཁྱོན་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་༣༠༡,༣༤༠ དེ་ཅིག་ཡོདཔ་ཨིན་པས། ཨི་ཊ་ལི་རྒྱལ་ཁབ་ཀྱི་གནམ་གཤིས་འདི་ མ་འདྲཝ་སྦེ་ཡོདཔ་ད་ དྲོད་ཚད་མཐོ་ཤོས་འདི་ ཌི་གི་རི་སེལ་ཤི་ཡཱས་ ༤༧°C དང་ དམའ་ཤོས་འདི་ -༤༩.༦°C  ཡོདཔ་ཨིན། ཨི་ཊ་ལི་གི་རེ་ལི་ལམ་གྱི་མཐུད་འབྲེལ་འདི་ འཛམ་གླིང་ནང་ རིང་ཤོས་༡༧ པ་ཨིནམ་ད་ དེ་ཡང་ ཀི་ལོ་མི་ཊར་༡༦,༦༢༧ ཡོདཔ་ཨིན་པས།  མགྱོགས་ཚད་མཐོ་བའི་ཨི་ཊི་ཨར་(ETR-class) བཟུམ་གྱི་རེ་ལི་ཚུ་གིས་ ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་༣༠༠ ཚུན་ཚོད་ འགྱོ་ཚུགས་དོ་ཡོདཔ་ཨིན་པས།[]

ཨྀཊ་ལི།
Italia

མི་རློབས་ཀྱི་གྱངས་ཁ།

སྤྱི་ལོ་༢༠༢༥ ལུ་ མི་རློབས་༥༩,༢༠༩,༠༦༡ ལུ་ལྷོད་ཡོདཔ་ད་ འདི་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡུད་གསརཔ་ལུ་ གཞི་བཞག་སྟེ་ འཛམ་གླིང་མི་རློབས་ཀྱི་ གལ་གནད་ཅན་གྱི་ ཆ་ཤས་ཅིག་ཨིནམ་ལས་ ཨི་ཊ་ལི་འདི་ འཛམ་གླིང་ནང་ མི་རློབས་མང་ཤོས་ཡོད་པའི་ རྒྱལ་ཁབ་ཨང་༢༥ པ་ཨིནམ་སྦེ་ གནས་རིམ་བཏོན་ཏེ་ཡོདཔ་ཨིན།  འདི་གིས་ འཛམ་གླིང་མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༠.༧༢ དེ་ཅིག་འཐོནམ་ཨིན་པས།[]

མིའི་རིགས།

ཨི་ཊ་ལི་ལུ་ མི་རིགས་གཙོ་བོ་འདི་ ཨི་ཊ་ལི་གི་མི་ཚུ་ཨིནམ་ད་ ཁོང་གིས་ ཨི་ཊ་ལི་གི་མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༩༥ ལྷགཔ་ཅིག་ ཨིནམ་སྦེ་འཐོན་ཡོདཔ་ཨིན། མི་རློབས་བརྒྱ་ཆ་༥ འདི་ཨཱལ་བ་ནི་ཡཱན་(Albanian) དང་རོ་མ་ནི་ཡཱན་(Romanian) དེ་ལས་ ཡུ་ཀེ་རེན་ནི་ཡཱན་(Ukrainians) དང་ ཡུ་རོ་པི་ཡཱན་(European) ཚུ་བཟུམ་གྱི་མི་རིགས་ཚུ་ཨིནམ་ད་ བརྒྱ་ཆ་༢.༥ དེ་ཅིག་ འཐོནམ་ཨིན་པས། ཨཕ་རི་ཀའི་མི་རིགས་ཀྱིས་ བརྒྱ་ཆ་༡.༥ བཟོ་དོ་ཡོདཔ་དང་། གཞན་མི་གྲངས་ཉུང་མི་རིགས་ ལེ་ཤ་ཅིག་གིས་ བརྒྱ་ཆ་༡ བཟོཝ་ཨིན་པས།[]

གཞུང་སྐྱོང་གི་སྐོར།

ཨི་ཊ་ལི་འདི་ གཞུང་གི་འགོ་ཁྲིདཔ་ཨིན་མི་ བློན་ཆེན་ཅིག་དང་གཅིག་ཁར་ སྤྱི་ཚོགས་ཀྱི་འཐུས་མི་ཡང་ཨིན། སྲིད་འཛིན་དེ་ རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་ཨིནམ་ལས་ བློན་ཆེན་འདི་ ཁོ་ཡང་ན་མོ་གིས་བསྐོ་བཞག་འབདཝ་ཨིན། སྤྱི་ཚོགས་འདི་ འཐུས་མི་ཚུ་གི་ཚོགས་ཁང་དང་ སྤྱི་མཐུན་རྒྱལ་ཁབ་ཀྱི་ ཚོགས་ཁང་༢ སྦེ་ བསྒྲུབས་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ ལུང་ཕྱོགས་༢༠ ལུ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། ལུང་ཕྱོགས་ ༥ ལུ་ དམིགས་བསལ་གྱི་རང་དབང་གི་གནས་རིམ་ཡོདཔ་ལས་ ས་གནས་ཀྱི་གནད་དོན་ལ་ལུ་ཅིག་ནང་ ཁྲིམས་ལུགས་ཚུ་ཁོང་ར་གིས་བཟོ་ཚུགསཔ་ཨིན་པས། ཨི་ཊ་ལི་གི་ སྲིད་འཛིན་འབད་དགོ་མནོ་མི་ ག་འབད་རུང་ ཨི་ཊ་ལི་གི་མི་ཁུངས་ཨིན་མི་ མི་སེར་ཅིག་འོང་དགོཔ་དང་ ཉུང་ཤོས་རང་ ལོ་༥༠ ལང་ཡོདཔ་དང་ སྲིད་དོན་དང་ ཞི་བའི་ཐོབ་དབང་ཚུ་ བདག་འཛིན་འཐབ་ཚུགས་དགོཔ་ཨིན་པས།[]

སྐད་ཡིག་དང་ལམ་སྲོལ།

ཨི་ཊ་ལི་ཡཱན་ཁ་སྐད་འདི་ ཨི་ཊ་ལི་གི་གཞུང་འབྲེལ་སྐད་ཡིག་ཨིན། མི་རློབས་བརྒྱ་ཆ་༩༣ དེ་ཅིག་གི་ ཨི་ཊ་ལི་གི་ ཁ་སྐད་སླབ་མི་ཚུ་ཨིན། མི་རློབས་བརྒྱ་ཆ་༥༠ དེ་ཅིག་གིས་ མ་སྐད་སྦེ་ ལུང་ཕྱོགས་ཀྱི་ སྐད་ཡིག་སླབ་དོ་ཡོདཔ་ཨིན་པས། ཨི་ཊ་ལི་གི་ཆོས་ལུགས་འདི་ མང་ཤོས་ཅིག་ར་ རོ་མཱན་ཀེ་ཐོ་ལིག་ཨིནམ་དང་ ཡེ་ཤུའི་ལྷ་ཁང་གིས་ རྒྱལ་ཁབ་ཀྱི་ བྱུང་རབས་དང་ལམ་སྲོལ་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། ཡེ་ཤུའི་ལྷ་ཁང་མང་ཤོས་ཅིག་གིས་ ས་རྟགས་གལ་ཅན་ཅིག་སྦེ་ ལཱ་འབདཝ་ཨིནམ་དང་ འདི་གིས་ ཨི་ཊ་ལི་གི་མི་སྡེ་ནང་ལུ་ ཀེ་ཐོ་ལིག་ཆོས་ལུགས་ གཏིང་ཟབ་སྦེ་ཡོདཔ་ཨིན་པའི་ རྟགས་བཏོན་ཨིན་པས། ཀེ་ཐོ་ལི་ཟཱམ་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིན་རུང་ ཨིསི་ལམ་དང་ ཇིའུ་ཆོས་ལུགས་ དེ་ལས་ ཆོས་ལུགས་གསརཔ་གི་ཆོས་ལུགས་ཚུ་རྩིས་ཏེ་ གཞན་མི་ཡིད་ཆེས་ཀྱི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ལས་ ཨི་ཊ་ལི་གི་ཆོས་ལུགས་ཀྱི་ རིགས་སྣ་མ་འདྲཝ་ཚུ་ ཁ་སྐོང་རྐྱབ་ཨིན།

ཨི་ཊ་ལི་ཡཱན་ཚུ་ མགྲོན་སྐྱོང་དང་ མི་ཚེ་ལུ་སྤྲོ་བ་ དེ་ལས་ བཟའ་ཚང་གི་བརྩི་མཐོང་ཚུ་ ཤུགས་ཡོདཔ་སྦེ་ ཤེསཔ་ཨིན་པས། ཁོང་གི་ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་འདི་ སྒྱུ་རྩལ་དང་ སྙན་ཆ་ ཟ་འཐུང་ དེ་ལས་ སྐད་ཡིག་ཚུ་ནང་ ཡོདཔ་ཨིན། ཁོང་གི་ གཞན་ལུ་ཕེབས་བསུ་ཞུ་ནི་དང་ མགྱོནམ་སྦེ་འོང་མི་ དེ་ལས་ འཕྲལ་འཕྲལ་ར་ ལྟ་བཤལཔ་ཚུ་ བདེ་ཏོག་ཏོ་བཟོ་ནི་གི་དོན་ལུ་ ཨ་རྟག་གི་ལམ་ལུགས་ལས་ སོ་སོ་ཅིག་སྦེ་འབད་དོ་ཡོདཔ་ཨིན་པས། ཨི་ཊ་ལི་གི་བཞེས་སྒོ་འདི་ འཛམ་གླིང་ནང་ ཡོངས་གྲགས་ཡོདཔ་ལས་ ཁོང་གི་ཟ་འཐུང་དང་ བཞེས་སྒོ་འབད་ནི་གི་རིག་རྩལ་ལུ་ དཔའ་ཉམས་བསྐྱེད་དོ་ཡོདཔ་ཨིན། ཨི་ཊ་ལི་ཡཱན་ཚུ་ ཁོང་རའི་གྱོན་ཆས་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

ཨི་ཊ་ལི་གི་དཔལ་འབྱོར་འདི་ མི་སྡེ་ཚོང་འབྲེལ་གྱི་དཔལ་འབྱོར་ མཐོ་ཤོས་ཅིག་ཨིན།  ཡུ་རོབ་མཉམ་འབྲེལ་ནང་ རྒྱལ་ཡོངས་དཔལ་འབྱོར་ སྦོམ་ཤོས་གསུམ་པ་ཨིན་པས། དེ་གི་ཚོང་འབྲེལ་གྱི་མཉམ་འབྲེལ་པ་ སྦོམ་ཤོས་ཚུ་ ཇར་མ་ནི་ (བརྒྱ་ཆ་༡༢.༥) དང་ ཕྲནས་ (བརྒྱ་ཆ་༡༠.༣) དེ་ལས་ ཡུ་ཨེས་ (༩%) དང་ ཨིས་པེན་ (༥.༢%) དང་ ཡུ་ཀེ་ (༥.༢%) དེ་ལས་ སུ་ཝིཊ་ཛར་ལེནཌ་ (༤.༦%) ཚུ་ཨིན། འཛམ་གླིང་ནང་ ཕྱིར་ཚོང་འཐབ་མི་ དཔལ་འབྱོར་དང་ མཐོ་ཤོས་ཨང་༨ པ་དང་ ནང་འདྲེན་འབད་མི་ མཐོ་ཤོས་ཨང་༡༢ པ་ཨིནམ་ད་ ཚོང་འབྲེལ་གྱི་ བརྒྱ་ཆ་༦༦ དེ་ཅིག་ ཐོན་ཡོདཔ་ཨིན་པས།[]

དཀའ་ངལ་དང་གདོང་ལེན།

དཔལ་འབྱོར་གྱི་ས་ཆའི་གནས་སྟངས་འདི་ མི་མང་གི་བུ་ལོན་མཐོ་དྲགས་དང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་ དེ་ལས་ ལཱ་གཡོག་མེད་མི་དང་ དམིགས་བསལ་གྱིས་ ན་གཞོན་ཚུ་གི་ནང་འཁོད་ལུ་ གདོང་ལེན་ལེ་ཤ་ཅིག་ཡོདཔ་ཨིན་པས། གནད་དོན་ཚུ་ མགུ་རྙོག་དྲགས་དང་ འཕྲལ་འཕྲལ་ར་ ལྕོགས་གྲུབ་མེད་པའི་དབང་འཛིན་གྱིས་ མང་སུ་སྦེ་འགྱོ་དོ་ཡོདཔ་ལས་ ཚོང་འབྲེལ་གྱི་ལཱ་དང་ མ་རྩ་བཙུགས་ནི་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་མས། ངན་ལྷད་འདི་གིས་ དཔལ་འབྱོར་གྱི་ཡར་རྒྱས་དང་གོང་འཕེལ་ལུ་ བར་ཆད་སྦོམ་སྦེ་རང་བྱུང་དོ་ཡོདཔ་ཨིན། འདི་བཟུམ་གྱི་དཀའ་ངལ་ཚུ་སེལ་ཐབས་ལུ་ ཐབས་ལམ་སྣ་ཚོགས་དགོཔ་དང་ ཟད་འགྲོ་མར་ཕབ་འབད་ནི་དང་ འོང་འབབ་བཟོ་ནི་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ གཞི་རྟེན་མཐུན་རྐྱེན་དང་ ཤེས་ཡོན་ དེ་ལས་ ཞིབ་འཚོལ་དང་གོང་འཕེལ་ཚུ་ནང་ མ་རྩ་བཙུགས་དགོཔ་འདུག། གསར་བཏོད་དང་ཚོང་འབྲེལ་ཚུ་གི་ཐོག་ལས་ ལཱ་གཡོག་བཟོ་ནི་དང་ དབང་འཛིན་གྱི་བྱ་རིམ་ཚུ་ མགྱོགས་དྲགས་སྦེ་ འབད་ཚུགསཔ་བཟོ་ནི་ དེ་ལས་ དྭངས་གསལ་ཡར་སེང་འབད་ནི་ཚུ་ཨིན་མས།  བསྐྱར་ཞིབ་ཚུ་ལག་ལེན་འཐབ་ཐོག་ལས་ ཨི་ཊ་ལི་གིས་ མི་སེར་ཚུ་ལུ་ དཔལ་འབྱོར་གྱི་གནས་སྟངས་ བརྟན་ཏོག་ཏོ་དང་ ཡར་རྒྱས་བཏག་དགོཔ་འདུག།[]

རྒྱལ་ས་ལྟེ་བ་དང་མངའ་སྡེ།

ཨི་ཊ་ལི་འདི་ མངའ་སྡེ་ལུ་དབྱེ་བ་ཕྱེ་སྟེ་མེདཔ་ཨིན། རང་དབང་ཅན་གྱི་ལུང་ཕྱོགས་༥ རྩིས་ཏེ་ ལུང་ཕྱོགས་༢༠ ཡོད་པའི་ གཅིག་མཐུན་གནས་སྟངས་ཅིག་ཨིན། རོམ་འདི་ཨི་ཊ་ལི་གི་རྒྱལ་ས་ལྟེ་བ་ཨིན། འདི་ནང་ མི་འབོར་ས་ཡ་ ༢.༩ དེ་ཅིག་ཡོདཔ་ཨིན། ལྟ་བཤལ་དང་ལམ་སྲོལ་ དེ་ལས་ ཚོང་འབྲེལ་གྱི་དོན་ལུ་ ལྟེ་བ་གཙོ་བོ་ཅིག་ཨིན་པས།

རོམ་ལུ་ Mediterranean གྱི་གནམ་གཤིས་ཚ་དྲོད་དང་ སྐམ་པའི་གནམ་གཤིས་ དེ་ལས་ གནམ་དགུན་ལུ་ རློན་གཤེར་ཅན་ཚུ་ཡོདཔ་ཨིན། རོམ་འདི་ འཛམ་གླིང་ནང་ ཁྲོམ་སྡེ་རྙིང་ཤོས་ཅིག་ཨིནམ་ད་ ལོ་ངོ་༢༧༠༠ ལྷགཔ་ཅིག་གི་རིང་ལུ་ བྱུང་རབས་འདི་ ཁྱབ་སྟེ་ཡོདཔ་ཨིན།[]

མཇུག་དོན།

ཨི་ཊ་ལི་གི་ བྱུང་རབས་ཕྱུགཔོ་ཡོདཔ་དང་ ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་གནས་སྟངས་དེ་ གདོང་ལེན་ཡོད་རུང་ ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན་པས། མི་མང་གི་བུ་ལོན་མཐོ་དྲགས་དང་ ཡར་རྒྱས་མགྱོགས་དྲགས་སྦེ་འགྱོ་མི་ དེ་ལས་ ལཱ་གཡོག་མེད་མི་ཚུ་གིས་ ཡར་རྒྱས་ལུ་ བར་ཆད་རྐྱབ་ཨིན་པས། ཨིན་རུང་ ཨི་ཊ་ལི་གི་ མི་གི་བསམ་པ་ལེགས་ཤོམ་དང་ རིག་རྩལ་འདི་གིས་ མ་འོངས་ལེགས་ཤོམ་འགྱོ་བའི་རེ་བ་བྱིནམ་ཨིན་མས། དཔལ་འབྱོར་གྱི་གདོང་ལེན་ཚུ་ བསལ་ཐོག་ལས་ ཨི་ཊ་ལི་གིས་ ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་འབད་བའི་སྐབས་ མ་འོངས་པ་ལུ་ ཡར་རྒྱས་འགྱོ་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།

རྒྱབ་རྟེན།

  1. https://simple.m.wikipedia.org/wiki/Italy
  2. 12https://www.worldometers.info/world-population/italy-population/
  3. https://healthsystemsfacts.org/italy/italy-political-system/
  4. https://www.bbc.co.uk/languages/european_languages/countries/italy.shtml#:~:text=Italian%20is%20the%20official%20language,but%20are%20not%20officially%20recognised.
  5. 12https://en.m.wikipedia.org/wiki/Economy_of_Italy
  6. https://artsandculture.google.com/entity/rome/m06c62?hl=en


ཡོ་རོབ་གླིང་
བེ་ལ་རུ་སུ་ |གིརིསི་ |ཇཱར་མ་ནི་ |ཡུ་ནའི་ཊེཊ་ཀིང་ཌམ་ |ཨྀཊ་ལི་ |ཕརཱནསི་ |སིཔཱེན་ |པོར་ཅུ་གལ་ |སུའི་ཌན་ |ནོ་ཝེ་ |ནེ་དར་ལེནཌསི་ |བེལ་ཇིཡམ་ |ཌེན་མཱཀ་ |ཕིན་ལེནཌ་ |ཨའིསི་ལེནཌ་ |ཀོ་སོ་བྷོ། |ཨས་ཊི་ཡ་ |ཨའིརི་ལེནཌ |ཨིསི་ཊོ་ནི་ཡ་ |ཨཱལ་བེ་ནི་ཡ། |སུའིཊ་ཛར་ལེན་ |ཅེཀ་རི་པབ་ལིཀ་ |སི་ལོ་པ་ཀེ་ |ལི་ཐུ་ནི་ཡ། |ཀུརོ་ཤི་ཡ |བ་ཊི་ཀཱན་ |ལེཊི་བི་ཡ |སི་ལོ་ཝེ་ཉི་ཡ |ཨའིརི་ལེནཌ་ |ཨས་ཊི་ཡ |བཱུལ་གཱ་རི་ཡ།
ཕཱ་རོ་གླིང་ཕྲན།


Stub  སྤྱི་མཐོང་གཏོར་མ་འབྲེལ་ལམ་འཚོལ་ཡོད། འདི་ནི་ཤོག་ངོས་བསྐྱར་བྱས་པ་ཚུ་དབྱེ་བ།
"https://dz.wikipedia.org/w/index.php?title=ཨྀཊ་ལི་&oldid=38473" ལས་ སླར་འདྲེན་འབད་ཡོདཔ།
སྡེ་ཚན་ ༤:

[8]ページ先頭

©2009-2026 Movatter.jp